ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ》ཨུ་རུ་སུའི་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཡིག་སྒྱུར་བྱས་པའི་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ》ཨུ་རུ་སུའི་ཡི་གེའི་དཔར་མ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ》དེ་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། དེའི་ནང་བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་པའི་རྣམ་བཤད་ཀྱི་གསུང་རྩོམ་གལ་ཆེན་85བསྡུས་ཡོད། དེབ་དེའི་ཨུ་རུ་སུའི་ཡི་གེའི་དཔར་མ་དང་དེ་གོང་དཔེ་སྐྲུན་བྱས་པའི་དབྱིན་ཇིའི་ཡི་གེ་དང་། ཧྥ་རན་སེའི་ཡི་གེ རི་པིན་གྱི་ཡི་གེ་བཅས་ཀྱི་དཔར་མ་དེ། ཕྱི་རྒྱལ་གྱི་ཀློག་པ་པོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་རང་རྒྱལ་གྱི་ཕྱི་འབྲེལ་མཛད་ཕྱོགས་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
ཞི་ཅིན་ཕིང་ནས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཐོག་འདི་སྐད་གསུངས།
པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་2021ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་སྤྱི་ཚེས་20ཉིན་གྱི་སྔ་དྲོ་ཧའེ་ནན་པོ་ཨའོ་རུ་གཉེར་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་མཐོང་རྣམ་པའི་ཐོག་ནས་འགོ་བརྗོད་དུ་ཕྱར་བ་གྲུ་འདེགས་དང་དུས་ངལ་མཉམ་སེལ། ལས་དབང་གཅིག་མཐུན་དང་མ་འོངས་མཉམ་གཏོད་ཅེས་འཁོད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད།
ཞི་ཅིན་ཕིང་གིས། པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་དབུ་བརྙེས་ནས་ལོ་ངོ་20སོང་རིང་། ཀྲུང་གོ་དང་ཨ་ཤེ་ཡ། འཛམ་གླིང་བཅས་ཀྱིས་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་འཕེལ་རིམ་ལ་བདེན་དཔང་བྱས་ཡོད་ལ། ཨ་ཤེ་ཡ་དང་འཛམ་གླིང་གི་གོང་འཕེལ་ཆེད་ཤུགས་རྐྱེན་ནུས་པ་དང་སྐུལ་འདེད་ནུས་པ་འདོན་སྤེལ་ཐུབ་ཡོད། མིག་སྔར། ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་དང་དུས་རབས་རིམས་ནད་ཀྱི་སྣོལ་འདྲེས་ཤུགས་རྐྱེན་འོག་འཛམ་གླིང་འདི་ཉིད་ཡོ་ལང་འཕེལ་འགྱུར་འགྲོ་བའི་དུས་སྐབས་སུ་སླེབས་ཡོད། ང་ཚོར་འཕྲད་པའི་དུས་སྐབས་འདི་འགྲན་རྩོད་ཀྱིས་ཁེངས་པའི་དུས་རབས་ཤིག་རེད་ལ། རེ་བས་ཕྱུག་པའི་དུས་རབས་ཤིག་ཀྱང་རེད། མིའི་རིགས་ཀྱི་སྤྱི་ཚོགས་ཁ་ཕྱོགས་གང་ཞིག་ཏུ་གོང་འཕེལ་གཏོང་དགོས་སམ། ང་ཚོས་མི་རབས་ཕྱི་མ་རྣམས་ལ་འབྱུང་འགྱུར་གང་འདྲ་ཞིག་གཏོད་དགོས་སམ་ཞེ་ན། བརྗོད་གཞི་འདིའི་ཐད་ང་ཚོས་མིའི་རིགས་ཀྱི་ཐུན་མོང་ཁེ་ཕན་ལ་གཞིགས་ཏེ་འགན་འཁྲི་འཁུར་བའི་རྣམ་འགྱུར་ཐོག་ནས་བློ་རིག་གསལ་བའི་གདམ་ཁ་བྱེད་དགོས། ཀྲུང་གོས་ཨ་ཤེ་ཡ་གླིང་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་དུས་རབས་ཀྱི་འབོད་སྒྲར་ཉན་པ་དང་ལག་གདང་སྦྲེལ་ཏེ་རིམས་ནད་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། གོ་ལའི་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པའི་ཁ་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།
ང་ཚོས་འདྲ་མཉམ་གྲོས་མོལ་གྱིས་མཉམ་རྒྱལ་མཉམ་སྤྱོད་ཀྱི་འབྱུང་འགྱུར་གཏོད་དགོས། དོན་དམ་པའི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་ཀྱིས་གོ་ལའི་བཅོས་སྒྲིག་མ་ལག་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་ཐོག་གི་བྱ་དོན་ཚང་མ་མཉམ་དུ་གྲོས་མོལ་བྱས་ནས་བསྒྲུབ་དགོས་པ་དང་། འཛམ་གླིང་གི་མདུན་ལམ་ལ་རྒྱལ་ཁབ་ཁག་གིས་མཉམ་དུ་སྟངས་འཛིན་བྱེད་དགོས། འཛམ་གླིང་ལ་གཞུང་དྲང་དགོས་པ་ལས་བཙན་དབང་མི་དགོས། རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཆེན་པོའི་ཉམས་ཤིག་དགོས་ལ། འགན་འཁྲི་འཁུར་སེམས་དེ་བས་ཆེ་བ་མངོན་པར་བྱེད་དགོས།
ང་ཚོས་སྒོ་དབྱེ་གསར་གཏོད་བྱས་ནས། གོང་འཕེལ་དར་རྒྱས་ཀྱི་འབྱུང་འགྱུར་གཏོད་དགོས། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་ཏུ་གཏོང་བ། མཁོ་སྤྲོད་སྦྲེལ་ཐག་དང་། ཐོན་ལས་སྦྲེལ་ཐག གྲངས་གཞིའི་སྦྲེལ་ཐག ཤེས་ལྡན་མི་སྣའི་སྦྲེལ་ཐག་བཅས་སྲ་བརྟན་དུ་བཏང་ནས། སྒོ་དབྱེ་ཅན་གྱི་འཛམ་གླིང་དཔལ་འབྱོར་བསྐྲུན་དགོས། འགལ་རྐྱེན་བཟོ་བ་དང་འབྲེལ་ཐག་གཅོད་པ་ནི་དཔལ་འབྱོར་ཆོས་ཉིད་དང་ཁྲོམ་རའི་སྒྲིག་སྲོལ་ལས་འགལ་ཞིང་རང་གཞན་ཀུན་ལ་གནོད་པ་ཞིག་རེད།
ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་བདེ་ཐང་བདེ་འཇགས་ཀྱི་མ་འོངས་པ་གཏོད་དགོས། ཆ་འཕྲིན་མཉམ་སྤྱོད་དང་མཉམ་འགོག་མཉམ་འཛིན་ཤུགས་ཆེར་བཏང་ནས། ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཁབ་སྨན་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅོས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་མ་ལག་མཉམ་སྐྲུན་བཅས་བྱེད་དགོས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།
ང་ཚོས་དྲང་བདེན་བརྟན་སྲུང་བྱས་ནས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་འབྱུང་འགྱུར་གཏོད་དགོས། འཇམ་འཐབ་ཀྱི་བསམ་བློ་དང་ཕན་ཚུན་དགྲར་འཛིན་གྱི་འགྲན་རྩོད་མེད་པ་བཟོ་བ་དང་། རྣམ་པ་གང་རུང་གི་འཇམ་འཐབ་གསར་པ་དང་འདུ་ཤེས་འཛིན་སྟངས་མི་འདྲ་བ་ཁག་ཕན་ཚུན་ཁ་གཏད་ལངས་བར་ངོ་རྒོལ་བྱེད་དགོས། རྒྱལ་ཁབ་དང་རྒྱལ་ཁབ་མཉམ་གནས་བྱེད་པར། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་དེ་སྔོན་འགྲོར་འཇོག་དགོས། ཞི་བདེ་དང་། གོང་འཕེལ། འདྲ་མཉམ། དྲང་བདེན། དམངས་གཙོ། རང་མོས་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་ལྟ་བ་དར་སྤེལ་གཏོང་དགོས་པ་དང་། ཤེས་དཔལ་མི་འདྲ་བའི་བར་ཕན་ཚུན་སྤེལ་རེས་དང་ཕན་ཚུན་སློབ་སྦྱོང་བྱེད་པའི་སྲོལ་དར་སྤེལ་གཏོང་དགོས་ཞེས་གསུངས་འདུག
ཞི་ཅིན་ཕིང་གིས། ཀྲུང་གོའི་ཕྱོགས་ནས་རིམས་ནད་ཚོད་འཛིན་ཐུབ་པའི་རྗེས་སྐབས་གཉིས་པའི་ཨ་ཤེ་ཡའི་ཤེས་དཔལ་སྤེལ་རེས་ཚོགས་ཆེན་གཉེར་རྒྱུ་ཡིན་པ་དང་། ཨ་ཤེ་ཡ་དང་འཛམ་གླིང་ཤེས་དཔལ་བར་སྐད་ཆ་ཤོས་རེས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། རྒྱུད་གཅིག་ལམ་གཅིག་ནི་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་སའི་ཉི་འོད་ལམ་ཆེན་ཞིག་ཡིན་པ་ལས། ཕྱོགས་ག་གེ་མོའི་སྒེར་གྱི་ལམ་ཆུང་མིན། དེའི་རེ་སྙེག་བྱ་ཡུལ་ནི་གོང་འཕེལ་ཡིན་པ་དང་། བརྩི་མཐོང་བྱ་ཡུལ་ནི་མཉམ་རྒྱལ་ཡིན་པ། བརྒྱུད་སྤེལ་བྱ་ཡུལ་ནི་རེ་བ་ཡིན། ང་ཚོས་ཕྱོགས་ཁག་དང་ལྷན་དུ་སྤུས་ཚད་མཐོ་པོའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ཐོག ཐུན་མོང་ཐོག་གྲོས་བསྡུར་དང་མཉམ་སྤྱོད་བྱེད་པའི་རྩ་དོན་ལག་བསྟར་བྱེད་པ་དང་། སྒོ་དབྱེ་དང་། སྦགས་མེད། སྤྱོད་གཙང་བཅས་ཀྱི་འདུ་ཤེས་དར་སྤེལ་གཏོང་བ། སྤུས་ཚད་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་བཅས་ཀྱི་དམིགས་འབེན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཐུབ་པ་བྱེད་དགོས། ང་ཚོས་སྔར་བས་དམ་ཟབ་ཀྱི་འཕྲོད་བསྟེན་མཉམ་ལས་རོགས་ཟླའི་འབྲེལ་བ་དང་། སྔར་བས་དམ་ཟབ་ཀྱི་མཉམ་འབྲེལ་མཉམ་མཐུད་རོགས་ཟླའི་འབྲེལ་བ། སྔར་ལས་དམ་ཟབ་ཀྱི་སྒོ་དབྱེ་ཁོག་ཡངས་ཀྱི་རོགས་ཟླའི་འབྲེལ་བ་བཅས་བསྐྲུན་ནས། མིའི་རིགས་ཐུན་མོང་དར་རྒྱས་ཡོང་བ་བྱ་རྒྱུར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། སྤྱི་ལོ་2021ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་ཡོང་ཐབས་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཐབས། འཛམ་གླིང་སྤྱི་མཐུན་ཡོང་ཐབས་བཅས་བྱེད་བཞིན་ཡོད། ཀྲུང་གོས་མུ་མཐུད་འཛམ་གླིང་གི་ཞི་བདེའི་འཛུགས་སྐྲུན་པ་དང་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་མཁན་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་གོང་འཕེལ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན། ཀྲུང་གོ་གོང་འཕེལ་གྱི་ཚད་གང་འདྲ་ཞིག་ལ་སླེབས་ཀྱང་། ནམ་ཡང་བཙན་བདག་མི་བྱ་རྒྱུ་དང་། སྟོབས་ཤུགས་ཀྱི་ཁྱབ་ཁོངས་ཧམ་འཛིན་དང་། རྒྱ་སྐྱེད། དོན་གཉེར་བཅས་བྱ་རྒྱུ་མིན་པ། དམག་གྲབས་འགྲན་བསྡུར་ཡང་སྤེལ་མི་སྲིད། ཀྲུང་གོས་ཉོ་ཚོང་དང་མ་འཇོག་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་ལམ་སྲོལ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་ཁག་གིས་ཀྲུང་གོའི་ཁྲོམ་རའི་གོ་སྐབས་ཆེན་མོ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་མཇུག་ཏུ། ཕྱར་བ་གྲུ་འདེགས་ཀྱིས་རླབས་གཤགས་མདུན་སྐྱོད་བྱེད། མ་གཞི་མཚམས་རེར་འཇིགས་སུ་རུང་བའི་རྦ་རླབས་དང་རྦ་རླབས་གྱེན་ལྡོག་གི་ཉེན་ཁ་འཕྲད་ཀྱང་སྲིད། འོན་ཀྱང་ང་ཚོས་སེམས་ནུས་གཅིག་སྒྲིལ་གྱིས་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་དམ་འཛིན་བྱས་ཚེ། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་གྲུ་གཟིངས་ཆེན་མོ་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་ངེས་ཡིན་པ་དང་། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཐུབ་ངེས་ཡིན་ཞེས་གསུངས་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཆེ་དགྲ་ལྷ་དང་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ།
ཟླ་4ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚེས་19ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལས་དོན་་ཚོགས་འདུ་ལྷ་སར་འཚོགས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཧོ་ཝུན་ཧའོ། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཚོགས་འདུར་ཞུགས་པ་རེད།
བོད་ལྗོངས་ཀྱིས་“5G+འཕྲུལ་མིའི”ལག་རྩལ་གྱིས་གཤགས་བཅོས་ལེགས་འགྲུབ་བྱས།
ཟླ་4ཚེས་19ཉིན། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་འཕྲུལ་མིའི་རྒྱང་ཁྲིད་གཤགས་བཅོས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཤགས་བཅོས་ཁང་གིས་5Gཡི་འཕྲིན་གཏོང་ལག་རྩལ་དུས་ཐོག་ཏུ་འབྲེལ་མཐུད་བྱས་པ་བརྒྱུད། པེ་ཅིང་དང་བོད་ལྗོངས་མཉམ་འབྲེལ་ཐོག“5G+འཕྲུལ་མིའི”རྒྱང་ཁྲིད་རུས་ནད་གཤགས་བཅོས་བྱས་པ་རེད།
སྤྱི་ལེ་གྲུ་བཞི་མ1800ལྷག་གི་རྩྭ་ཐང་བརླག་པའི་མེ་སྐྱོན་དེ་བསད་ཟིན།
མོང་གོལ་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་19ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ50ཙམ་ལ་རྒྱལ་ཁབ་དེའི་སུའུ་ཧོ་པ་ཐེར་ཞིང་ཆེན་ཏ་ལི་ཀན་ཀ་རྫོང་དུ་ཚེས18ཉིན་བྱུང་བའི་རྩྭ་ཐང་གི་མེ་སྐྱོན་ཆེན་པོ་དེ་བསད་ཟིན། སྔོན་དཔག་བྱས་པ་ལྟར་ན། ཐེངས་འདིའི་རྩྭ་ཐང་ལ་མེ་སྐྱོན་བྱུང་བའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1800ཙམ(རིང་ཚད་སྤྱི་ལེ60ཙམ་དང་ཞེང་ཚད་སྤྱི་ལེ30ཙམ)ཟིན་ཡོད་པ་རེད། མེ་སྐྱོན་བྱུང་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད།
གཏམ་བཟང་། བོད་རིགས་བུ་མོ་འདིས་ཨང་དང་པོ་བླངས་འདུག
སྤྱི་ཟླ་4ཚེས་18ཉིན། སྤྱི་ལོ་2021ལོའི་ཀྲུང་གོའི་རི་ཁུལ་གྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཏེ་ཅི་ལིན་ཁྲང་པའེ་ཧྲན་རི་བོའི་ས་ཚིགས་དང་སྐབས་གཉིས་པའི་ཁྲང་པའེ་ཧྲན་རི་བོའི་ནགས་ཚལ་གངས་ཁྲོད་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཅི་ལིན་ཁྲང་པའེ་ཧྲན་རི་བོར་གཉེར་བ་རེད། ད་ཐེངས་ཀྱི་འགྲན་བསྡུར་ནང་རི་ཁུལ་གྱི་མ་ལ་སུང་རྒྱང་རྒྱུག་སྤྱི་ལེ་42ཀྱི་མི་སྒེར་གྱི་འགྲན་བསྡུར་དང་། རི་ཁུལ་གྱི་མ་ལ་སུང་རྒྱང་རྒྱུག་སྤྱི་ལེ་21གི་མི་སྒེར་གྱི་འགྲན་བསྡུར། མང་ཚོགས་ཀྱི་ལུས་སྦྱོང་འགྲན་བསྡུར་སོགས་རྣམ་གྲངས་གསུམ་དང་ཚོ་ཆུང་དྲུག་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་གངས་ཤུད་རུ་ཁག་གི་གངས་ཤུད་རི་འཛེག་རྒྱལ་ཁབ་ན་གཞོན་རུ་ཁག་གི་རུ་མི་5རི་ཁུལ་གྱི་མ་ལ་སུང་རྒྱང་རྒྱུག་སྤྱི་ལེ་21གི་མི་སྒེར་གྱི་འགྲན་བསྡུར་ནང་ཞུགས་པ་དང་། ཚེ་བརྟན་གཡུ་སྒྲོན་གྱིས་ཆུ་ཚོད་1དང་སྐར་མ་39དང་སྐར་ཆ་34ཡི་སྦྱངས་འབྲས་ཐོག་ནས་བུད་མེད་ཚོ་ཆུང་གི་ཨང་དང་པོ་བླངས་ཤིང་། བུ་མོ་ཨ་ཉི་ལ་ཨང་ལྔ་པ་དང་གནམ་གང་བུ་ཁྲིད་ལ་ཨང་བདུན་པ་ཐོབ་པ་རེད།
ད་ལྟ་རིམས་འགོག་སྨན་ཁབ་རྒྱག་ཚད་མི་ཐེངས་དུང་ཕྱུར་གཉིས་ལས་བརྒལ་བ།
ཟླ4པའི་ཚེས21ཉིན་རྒྱལ་སྲིད་སྤྱི་ཁྱང་ཁང་གི་མཉམ་འགོག་མཉམ་སྲུང་སྒྲིག་གཞིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པས་གསལ་བཤད་བྱས་པ་ལྟར་ན། མིག་སྔའི་བར་དུ། རང་རྒྱལ་གྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་ཚད་མི་ཐེངས་དུང་ཕྱུར་གཉིས་ལས་བརྒལ་ཡོད།
还没有评论,快来发表第一个评论!