第30期新闻(安多方言)
 188

第30期新闻(安多方言)

00:00
10:57

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་བ།

       ཟླ་9ཚེས་9ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཀྲུང་དབྱང་གིས་གཏན་ལ་འཁེལ་བའི་སྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་བྱེད་དགོས། དུས་མཚམས་གོང་མའི་གཙོ་གནད་ནི་རྨང་གཞི་བརྟན་གཏོང་དང་ཀ་གདུང་ཡག་པོ་བསྒྲིགས་པ་དེ་ཡིན། དུས་དཀྱིལ་གྱི་གཙོ་གནད་དེ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྟོབས་ཤུགས་གཅིག་སྒྲིལ་བྱ་རྒྱུ་དེ་ཡིན་ཞིང་། ད་ཆ་ཤུགས་རྒྱག་ས་དེ་རྒྱུད་རིམ་ཁག་གཅིག་འགྲིལ་དང་མཐུན་སྦྱོར་ཕན་ཆེའི་ཐོག་བཞག་ནས་ད་ཕན་ལོ་ཤས་རིང་ང་ཚོས་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་དང་། ལམ་སྲོལ་རང་བཞིན་གྱི་བཀག་འགོག་ཐག་གཅོད། སྲིད་ཇུས་རང་བཞིན་གྱི་གསར་གཏོད་བཅས་ཀྱི་ཐད་ཐོབ་པའི་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་ཟབ་ཏུ་བཏང་སྟེ་ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་ཚང་དང་གཏན་འཁེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

          ཚོགས་འདུའི་ཐོག《སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཏོད་དེ་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར》《ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་ནས་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་སྔར་བས་གཏོད་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 《ཞིང་ཞོར་ཐོན་ཟོག་འགན་ལེན་འཐབ་ཇུས་གལ་ཆེན་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ལས་དོན་ལ་སྤྱི་འདོམས་ལྟ་འདོམས་བྱ་རྒྱུའི་ཇུས་གཞི》 《ཚན་རྩལ་གསར་གཏོད་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་དུས་བདེ་ཀྲུང་གོ་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》 《ལྗང་མདོག་འཚོ་བ་གཏོད་འཛུགས་བྱ་སྤྱོད་ཀྱི་སྤྱིའི་ཇུས་གཞི》 《གཞུང་ཁོངས་དངུལ་རྩའི་མ་རྩ་གཏོང་མཁན་གྱི་འགན་འཁྲིའི་གནས་སྐབས་ལག་བསྟར་གཏན་འབེབས》 《འགྱིག་རྫས་སྦགས་བཙོག་བཅོས་སྒྲིག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད།

        ཚོགས་འདུའི་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་སྒྲིག་སྲོལ་རང་བཞིན་གྱི་གཏིང་ཟབ་པའི་འགོག་རྐྱེན་ཐག་གཅོད་བྱ་རྒྱུར་གཙིགས་ཆེན་བྱས་པར་བརྟེན་སྒྲིག་སྲོལ་གྱི་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པ་བཏོན་ནས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླ་ཁག་གཅིག་ནུས་ལྡན་ངང་ཐག་གཅོད་ཐུབ་པ་མ་ཟད། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། ཞིབ་ཕྲའི་རང་བཞིན་གྱི་བསྐྱར་གསོ། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་བྱུང་ཡོད། ང་ཚོས་ལམ་སྲོལ་རང་བཞིན་གྱི་འགོག་རྐྱེན་གནད་དོན་ཁྱད་བསད་བྱ་རྒྱུར་གཙིགས་ཆེན་བྱས་པར་བརྟེན་འགག་གནད་དང་དཀའ་གནད་མང་པོ་ཞིག་བསལ་བ་དང་། སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པར་བྱས་ཡོད། ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་རྒྱུར་གཙིགས་ཆེན་བྱས་ཏེ་མི་སེར་ཉེ་འགྲམ་གྱི་གནད་དོན་ལ་སྒྱུར་བཅོས་བྱེད་པ་ནས་འགོ་བཙུགས་ཏེ་དུས་ཐོག་ཏུ་ཁྱབ་རྒྱ་ཆུང་བ་དང་ཕན་འབྲས་ཐོན་མགྱོགས་པའི་སྲིད་ཇུས་རང་བཞིན་གྱི་གསར་གཏོད་ཁག་གཅིག་ལག་བསྟར་བྱས་པར་བརྟེན་དམངས་འཚོའི་ཁྱབ་ཁོངས་ཀྱི་སེམས་ཁྲལ་དང་རྙོག་དྲ་མང་པོ་ཐག་གཅོད་བྱུང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཕྱིན་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ་བཏོན་པའི་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པར་ནན་ཏན་ངང་གསེད་བཀྲོལ་དང་། ལམ་ལུགས་སྒྱུར་བཅོས་དང་ལམ་ལུགས་འཁོར་རྒྱུག་སྤྱི་འདོམས། རྩེ་རིམ་ཇུས་འགོད་དང་རིགས་དབྱེ་སྦྲེལ་མཐུད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ། གོང་འོག་དང་ཕྱོགས་ཁག་གི་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་པ། ལས་དོན་ཁག་གི་སྒྱུར་བཅོས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུར་གཙིགས་ཆེན་བཅས་བྱས་ཏེ་ལས་དོན་ཁག་གི་སྒྱུར་བཅོས་ཁག་ཕན་ཚུན་སྤེལ་ཟླར་འགྱུར་བ་དང་ཕན་འབྲས་བཟང་པོ་ཐོན་པ་བྱས་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་སུ་སྒྱུར་བ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།


2019ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ།


           ཟླ་9ཚེས་10ཉིན། 2019ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟེངས་བསྟོད་ཐོབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོ་བྱ་བ་སྒྲུབ་མཁན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་རེད།


              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་རྣམ་གཉིས་ཐུག་འཕྲད་ལ་ཞུགས་ཡོད།

              ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མ་རུ་ཕེབས་ཏེ་འཐུས་མི་རྣམས་ལ་ཕྱག་བཏང་གནང་བ་དང་སྦྲགས་གླེང་མོལ་བ་དང་། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་དང་མཉམ་དུ་དྲན་རྟེན་སྐུ་པར་སྐྱོན་གནང་བ་རེད།

              ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཐུག་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་སྟེང་གཏམ་བཤད་གནང་བ་རེད། ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན་718དང་རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་དོན་པ་79 རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་597 དེ་མིན་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་1432 རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ་158བཅས་ལ་གཟེངས་བསྟོད་བྱས་པ་དང་།  ཏེན་ཞའོ་ཞང་དང་ཁྲིན་ཞི། ཡུག་ཆོན། ཚེ་ཏ་ཧྥིན། ཞ་པོ་ལུང་བཅས་ཐུག་འཕྲད་ལ་ཞུགས་ཡོད་པ་རེད།


2019ལོའི་དྲ་རྒྱའི་དབུལ་སྐྱོར་གྱི་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་བོད་ལྗོངས་སུ་སྤེལ་འགོ་ཚུགས་པ།


       2019ལོའི་དྲ་རྒྱའི་དབུལ་སྐྱོར་གྱི་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་བོད་ལྗོངས་སུ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

         ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་དང་ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ལྷན་གཞུང་དོན་ཁང་དང་རྒྱལ་ཁབ་དྲ་འབྲེལ་ཆ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཞའོ་ཝེ་ཡིས་ཤིས་ཚིག་སྒྲོན་པ་དང་ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་མཱ་ལི་ཚོགས་འདུར་ཞུགས་ཡོད་པ་རེད།


        ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་རེན་བློ་བཟང་རྒྱལ་མཚན། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱེད་མཁན་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཡོངས་དྲ་འཕྲིན་ཁོངས་གཏོགས། དྲ་སྦྲེལ་ཁེ་ལས་ལས་རིགས་བཅས་ལ་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས་པ་རེད།

        ཏིང་ཡེ་ཤན་གྱིས་2018ལོར་དྲ་རྒྱའི་དབུལ་སྐྱོར་གྱི་སྐད་གཉིས་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ་དང་དྲ་རྒྱའི་དབུལ་སྐྱོར་ལས་དོན་སྐུལ་འདེད་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་རྗེས། འདི་ལོ་མུ་མཐུད་རང་ལྗོངས་སུ་དྲ་རྒྱའི་དབུལ་སྐྱོར་ལག་ཐོགས་ཁ་པར་སྤྲོད་པའི་སྤྱི་ཕན་རྣམ་གྲངས་ལག་ལེན་བསྟར་ནས་བོད་དུ་ཕྱོགས་ཡོངས་ནས་དྲ་རྒྱའི་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་ཆེད་གོ་སྐབས་གསར་པ་དང་ཆ་རྐྱེན་གསར་པ་གཏོད་རྒྱུ་ཡིན། ང་ཚོས་ངེས་པར་དུ་ཐོབ་དཀའ་བའི་གོ་སྐབས་ལ་གཅེས་སྤྲས་གང་ལེགས་བྱས་ཏེ་ལག་ཐོགས་ཁ་པར་སྤྲོད་པ་དང་སྤྱོད་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། མང་ཚོགས་སྔར་བས་མང་བས་དྲ་སྦྲེལ་འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་རོལ་ཐུབ་པ་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཁྲོད་ཀྱི་དྲ་སྦྲེལ་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་སྔོག་འདོན་བྱས་ཏེ། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བ་དང་དྲ་རྒྱའི་དབུལ་སྐྱོར་བྱ་སྤྱོད་ལ་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། འདི་ལོའི་ལོ་མཇུག་ཏུ་གཞི་རྩའི་ཆར་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།


བོད་ལྗོངས་ཀྱི་དགེ་རྒན་360ལ“ལོ་ངོ་25རིང་གྲོང་གསེབ་དགེ་རྒན་གྱི་ལས་ལ་གཞོལ་བའི་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ”འཐོབ་པར་རྟེན་འབྲེལ་ཞུ།

        ད་ལོའི་ཟླ་9པའི་ཚེས་10ཉིན་ནི་རང་རྒྱལ་གྱི་སྐབས་35པའི་དགེ་རྒན་དུས་ཆེན་ཡིན་ཞིང་། ཁོང་ཚོའི་སྔོན་ཐོན་གྱི་བྱ་གཞག་ལ་གཟེངས་བསྟོད་དང་།  བླ་ན་མེད་པའི་དགེ་རྒན་གྱི་ཀུན་སྤྱོད་དར་སྤེལ། སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ཀྱི་དཔེ་ཁྲིད་མི་སྐྱོང་གི་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་ཆེད། རིམ་པ་བཞིན་འོས་སྦྱོར་དང་། འདེམས་སྒྲུག ཞིབ་བཤེར་རྩིས་ལེན། ཡོངས་བསྒྲགས་བཅས་བྱས་པ་བརྒྱུད་དར་རྒྱས་སོགས་བློ་མཐུན་360ལ་“ལོ་ངོ་25རིང་གྲོང་གསེབ་དགེ་རྒན་གྱི་ལས་ལ་གཞོལ་བའི་ཚེ་གང་གྲུབ་འབྲས་ཀྱི་བྱ་དགའ”གནང་བ་དང་།  པ་སངས་བསྟན་འཛིན་སོགས་བློ་མཐུན་1118ལ“ལོ་ངོ་20རིང་གྲོང་གསེབ་དགེ་རྒན་གྱི་ལས་ལ་གཞོལ་བའི་གཟི་བརྗིད་བྱ་དགའ”དང་།  ཀོའུ་ཅི་ཆང་སོགས་བློ་མཐུན་150ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”  ཀྲའོ་ཏུང་ལའེ་སོགས་བློ་མཐུན་50ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་པ”དང་། སྒྲོལ་དཀར་སོགས་བློ་མཐུན་55ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་སློབ་གཙོ” ལྷག་པ་ཚེ་རིང་སོགས་བློ་མཐུན་80ལ“ལྗོངས་ཡོངས་ཀྱི་མིག་དཔེ་ཅན་གྱི་འཛིན་བདག” ལི་ཀྲི་ཞུའེ་སོགས་བློ་མཐུན་124ལ“ལྗོངས་ཡོངས་ཀྱི་ཕུལ་བྱུང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ལས་དོན་པ”དང་།  ཀྲའོ་ཡན་སོགས་བློ་མཐུན་29ལ“བོད་སྐྱོར་གདོང་ལེན་པ”དང་།  ཀྲང་ཀུའོ་ཆན་སོགས་བློ་མཐུན་72ལ“ཕུལ་བྱུང་བོད་སྐྱོར་དགེ་རྒན” ལི་ཡུང་མེ་སོགས་བློ་མཐུན་25ལ“ཕུལ་བྱུང་བོད་སྐྱོར་སློབ་གསོའི་ལས་དོན་པ” དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྐད་གཉིས་བྱིས་སྐྱོང་ཁང་གཉིས་པ་སོགས་སྡེ་ཚན་55ལ“ལྗོངས་ཡོངས་ཀྱི་སློབ་གསོའི་མ་ལག་སྔོན་ཐོན་སྡེ་ཚན”གྱི་གཟི་བརྗིད་མཚན་སྙན་བཅས་གནང་བ་རེད།


དཀར་མཛེས་རྫོང་གེ་སར་གྲོང་གི་ཡུལ་སྐོར་ཚོང་གཉེར་དང་སྐབས་གཉིས་པའི“འབྲུག་མོས་སྟོན་བསུའི”བྱེད་སྒོ་སྤེལ་ལ་ཉེ།

         ཤེས་རྟོགས་བྱུང་བ་གཞིགས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་གེ་སར་གྲོང་གི་ཡུལ་སྐོར་ཚོང་གཉེར་དང་སྐབས་གཉིས་པའི“འབྲུག་མོས་སྟོན་བསུའི”བྱེད་སྒོ་ཟླ་9བའི་ཚེས་16ཉིན་གེ་སར་གྲོང་དུ་སྤེལ་རྒྱུ་དང་། དུས་དེར་ལོ་གཉིས་རིང་ལ་ཞིབ་ཀྱིས་གསར་བསྐྲུན་བྱས་པའི་དཀར་མཛེས་རྫོང་གེ་སར་གྲོང་གི་སྒོ་ཕྱེ་བའི་མཛད་སྒོ་ཡང་སྤེལ་རྒྱུ་རེད།


        དཀར་མཛེས་རྫོང་གི་རིག་གནས་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པས་གེ་སར་ལོ་རྒྱུས་སྙན་རྩོམ་དང་། དམངས་སྲོལ་རིག་གནས། ཚོང་དོན་རིག་གནས། ཆོས་ལུགས་རིག་གནས་སོགས་འདུས་ས་ཡིན་ལ། དཀར་མཛེས་རྫོང་ཁོངས་སུ་གེ་སར་རྒྱལ་པོའི་ངག་རྒྱུན་དང་རྗེས་ཤུལ་མང་པོ་ཡོད་ཅིང་། རིག་གནས་ཀྱི་རྨང་གཞི་དེར་བརྟེན་ནས་དཀར་མཛེས་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་སྐུལ་འདེད་བཏང་བ་དང་། རིག་གནས་སྔོག་འདོན་གཏིང་ཟབ་དང་ལས་གཞིའི་ཐུན་མོང་མ་ཡིན་པའི་ཇུས་འགོད་བརྒྱུད་ནས་གེ་སར་གྲོང་གསར་བསྐྲུན་བྱས་པ་རེད།

དྲ་གྲོགས་ལྷན་རྒྱས་ཐེངས་རྗེས་མར་སླར་ཡང་མཇལ།

用户评论

    还没有评论,快来发表第一个评论!